aboutsummaryrefslogtreecommitdiffstats
path: root/vendor/patrickschur/language-detection/resources/dz/dz.txt
blob: dcf1b71fab1a70ffd6ee8c7de74b1a8425664ebc (plain) (blame)
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124
125
126
127
128
129
130
131
132
133
134
135
136
137
138
139
140
141
142
143
144
145
146
147
148
149
འགྲོ་བ་མིའི་དབང་ཆ་གི་འཛམ་གླིང་གསལ་བསྒྲགས།
གླེང་གཞི།

དེ་ཡང་ འཛམ་གླིང་ནང་གི་ཞི་བདེ་དང་དྲང་ཁྲིམས། དེ་ལས་དལ་དབང་ཚུ་གི་གཞི་འགྱམ་གཙོ་བོ་དེ་ འགྲོ་བ་མིའི་རིགས་ག་ར་དང་མཉམ་ ལྷན་ཅིག་སྐྱེས་ཏེ་ཡོད་པའི་བརྩི་མཐོང་དང་འདྲ་མཉམ། རང་དང་འབྲེལ་བ་མེད་པའི་དལ་དབང་ཚུ་ཨིན་པའི་ངོས་འཛིན་གྲུབ་ཨིན།

དེ་ཡང་ འགྲོ་བ་མིའི་དལ་དབང་ལུ་ཆ་གནས་མ་འབད་མི་དང་། བརྩི་བཀུར་མ་འབད་མི་ལུ་བརྟེན་ཏེ་ ཀླ་ཀློའི་སྤྱོད་པ་དང་འབྲེལ་བའི་བྱ་སྤྱོད་ལུ་བརྩོན་བཅུག་སྟེ་ འགྲོ་བ་མིའི་རྣམ་དཔྱོད་དེ་ར་ཁོང་ཁྲོ་དང་ལྡན་མི་ཅིག་ལུ་བཟོ་སྟེ་ཡོདཔ་མ་ཚད།སྤྱིར་བཏང་འགྲོ་བ་མི་ཚུ་གིས་ རང་ར་སོ་སོའི་ ཁའི་དལ་དབང་དང་ཡིད་ཆེས་ཀྱི་དལ་དབང་། དེ་ལས་ འདྲོག་འཇིགས་མེདཔ་གཅིག་དགོ་པའི་དལ་དབང་ཚུ་ཁག་ཆེ་ཤོས་གཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།

དེ་ཡང་ ག་དེམ་གཅིག་འབད་ འགྲོ་བ་མི་ཚུ་གིས་ དབང་སྐྱོང་དང་དབང་གནོན་ལས་བཟློག་ཐབས་ལུ་ མཐའ་མཇུག་གི་ཐབས་ཤེས་བཟུམ་ཅིག་འབད་ ངོ་བརྒལ་འབད་དགོཔ་མེདཔ་སྦེ་བཞག་དགོ་པ་ཅིན་ འགྲོ་བ་མིའི་དབང་ཆ་དེ་ ཁྲིམས་གྱིས་ཉེན་སྲུང་འབད་དགོཔ་ ག་ནི་ལས་ཁག་ཆེ།

དེ་ཡང་ རྒྱལ་ཁབ་ཚུ་གི་བར་ན་མཐུན་འབྲེལ་ཡར་དྲག་དང་གོང་འཕེལ་གཏང་དགོཔ་དེ་ཡང་ག་ནི་ལས་ཁག་ཆེ།

དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་ཨིན་པའི་རྒྱལ་ཁབ་ཀྱི་མི་ཚུ་གིས་ སྤྱི་ཚོགས་ཀྱི་བཀའ་ཁྲིམས་ནང་ལུ་ འགྲོ་བ་མིའི་དལ་དབང་གི་གཞི་རྩ། འགྲོ་བ་མིའི་ངོས་འཛིན་དང་རིན་ཐང་། ཕོ་མོ་འདྲ་མཉམ་གྱི་ཐོབ་དབང་། དེ་ལས་ རྒྱ་ཆེའི་དལ་དབང་གི་ཐོག་ལས་མི་སྡེ་ཡར་དྲག་གཏང་ནི་དང་ སྤུས་ཚད་ལྡན་པའི་མི་ཚེ་ཡར་དྲག་གཏང་དགོཔ་འབད་ཚུད་དེ་ཡོད།

དེ་ཡང་འཐུས་མི་རྒྱལ་ཁབ་ཚུ་གིས་ཡང་ འཛམ་གླིང་སྤྱི་ཚོགས་དང་གཅིག་ཁར་ལགཔ་མཐུད་དེ་ འཛམ་གླིང་ནང་ལུ་གུས་བཀུར་ཡར་དྲག་གཏང་ནི་དང་། འགྲོ་བ་མིའི་ཐོབ་དབང་དང་གཞི་རྟེན་གྱི་དལ་དབང་ཚུ་གྲུབ་ནི་ལུ་ཁས་ལེན་འབད་དེ་ཡོད། དེ་ཡང་ ཐོབ་དབང་དང་དལ་དབང་དེ་དང་འབྲེལ་བའི་ སྤྱིར་བཏང་གོ་བ་ལེན་དགོཔ་འདི་ དེ་ནང་འཁོད་དེ་ཡོད་པའི་ཁས་བླངས་ཚུ་ག་ར་འགྲུབ་ཚུགསཔ་འབད་དགོ་མི་དེ་ཨིན།

དེ་འབདཝ་ལས་ ད་ལས་ཕར།

འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ནང་ལས།

འགྲོ་བ་མིའི་དབང་ཆ་གི་འཛམ་གླིང་གསལ་བསྒྲགས་འདི་ མི་དང་རྒྱལ་ཁབ་ག་ར་གིས་གནས་ཚད་གཅིག་གི་ཐོག་ལས་གྲུབ་དགོཔ་མི་གཅིག་དང་། མི་ངོམ་རེ་རེ་བཞིན་དང་མི་སྡེའི་ལས་ཚོགས་ཚུ་གིས་ གསལ་བསྒྲགས་འདི་དུས་རྒྱུན་དུ་སེམས་ཁར་དྲན་ཏེ་ ཤེས་རིག་ཡོན་ཏན་གྱི་ཐོག་ལས་ ཐོབ་དབང་དང་དལ་དབང་ཚུ་ལུ་བསྐྱེད་དགོ་པའི་གུས་ཞབས་ཡར་དྲག་གཏང་ནི་དང་།རྒྱལ་ཡོངས་དང་རྒྱལ་སྤྱི་གིས་ འཛམ་གླིང་ཡོངས་དང་ འཐུས་མིའི་རྒྱལ་ཁབ་ཀྱི་མི་ཚུ་དང་། རང་སོའི་མངའ་ཁོངས་ཀྱི་ས་ཁོངས་ཚུ་ནང་ཡོད་པའི་མི་ཚུ་ལས་ཡང་ ནུས་ཤུགས་ལྡན་པའི་ངོས་འཛིན་དང་མིག་ལྟ་ཚུ་ཐོབ་ཐབས་འབད་ནིའི་སྤྱིར་བཏང་གནས་ཚད་ཅིག་འབད་གསལ་བསྒྲགས་འབདཝ་ཨིན།
རྩ་ཚན་༡པ།

འགྲོ་བ་མི་ཚུ་ག་ར་དལ་དབང་གི་ཐོག་ལས་སྐྱེས་ཏེ་ཡོདཔ་ལས་ ག་ར་ལུ་བརྩི་མཐོང་དང་ཐོབ་དབང་འདྲ་མཉམ་སྦེ་ཡོད། མི་ཚུ་ག་ར་སྨྲ་ཤེས་དོན་གོ་བའི་མཚན་ཉིད་དང་ལྡནམ་ལས་ ག་ར་གིས་ལཱ་ག་ཅི་ར་འབད་རུང་ གཅིག་གིས་གཅིག་ལུ་སྤུན་ཆའི་འདུ་ཤེས་བསྐྱེད་ཐོག་ལས་ལཱ་འབད་དགོ།
རྩ་ཚན་༢པ།

འགྲོ་བ་མི་རིགས་ག་ར་ལུ་ གསལ་བསྒྲགས་འདི་ནང་འཁོད་དེ་ཡོད་པའི་ ཐོབ་དབང་དང་དལ་དབང་ཚུ་ འགྲོ་བ་མིའི་རིགས་ཀྱི་དབྱེ་བ་དང་། ཤ་བཀྱག མཚན་རྟགས། ཁ་སྐད། ཆོས་ལུགས། སྲིད་དོན་དང་གཞན་གནད་དོན། མི་ཁུངས། རྒྱུ་དངོས། སྐྱེ་སའི་ཡུལ་དང་སྟོབས་གོ་ས་ལ་སོགས་པ་ག་ནི་ལུ་ཡང་དབྱེ་བ་མ་ཕྱེ་བར་ འདྲ་མཉམ་སྦེ་ཐོབ་དགོ། ལྷག་པར་དུ་ རྒྱལ་ཁབ་ཀྱི་ ཆབ་སྲིད་དང་། ས་ཁོངས། ཡངན་ རྒྱལ་སྤྱིའི་ནང་གི་གནས་རིམ་དང་། ཡངན་ རང་དབང་དང་བློ་གཏད་ཅན། ཡངན་ རང་དབང་གི་ཐོག་ལུ་སྐྱོང་གཞག་མེད་པའི་ས་ཁོངས། ཡངན་ རང་དབང་ལུ་ཚད་བཟུང་འབད་ཡོད་པའི་ས་ཁོངས་ག་སྟེ་གི་ མི་ར་ཨིན་རུང་ དེ་ཚུ་ཡང་ སོ་སོར་འབད་དབྱེ་བ་ཕྱེ་མི་ཆོག
རྩ་ཚན་༣པ།

འགྲོ་བ་མི་ག་ར་ལུ་མི་ཚེའི་དལ་དབང་དང་རང་དབང་། དེ་ལས་ཉེན་སྲུང་གི་ཐོབ་དབང་ཡོད།
རྩ་ཚན་༤པ།

འགྲོ་བ་མི་ག་ར་ཨིན་རུང་ བྲན་གཡོག་འབད་བཞག་མ་ཆོགཔ་དང་།བྲན་གཡོག་རིན་ལུགས་འདི་དང་ བྲན་གཡོག་ཚོང་འབྲེལ་གྱི་རིགས་ག་ཅི་ར་ཨིན་རུང་བཀག་དམ་འབད་དགོ།
རྩ་ཚན་༥པ།

འགྲོ་བ་མི་ག་ར་ཨིན་རུང་ སྡུག་སྤྱོད་དང་གདུག་རྩུབ། མིའི་སྤྱོད་པ་ལས་འདས་པའི་ ཡངན་ དམའ་ཕབ་དང་འབྲེལ་བའི་ལཱ་ཚུ་དང་ཉེས་ཁྲིམས་སོགས་བཀལ་བའི་ཉེས་སྤྱོད་མྱོང་བཅུག་ནི་འདི་མི་ཆོག
རྩ་ཚན་༦པ།

ཁྲིམས་ཀྱི་འདུན་ས་ག་སྟེ་འབད་རུང་ ག་ར་ལུ་ འགྲོ་བ་མི་ཨིན་པའི་ངོས་འཛིན་གྱི་ཐོབ་དབང་ཡོད།
རྩ་ཚན་༧པ།

ཁྲིམས་འདུན་ལུ་འགྲོ་བ་མི་ག་ར་འདྲ་མཉམ་ཨིནམ་ལས་ ག་ར་ལུ་ཁྲིམས་འདུན་ལས་ ཆགས་སྡང་ཕྱོགས་རིས་མེད་པའི་ཉེན་སྲུང་གི་ཐོབ་དབང་ཡོད། གསལ་བསྒྲགས་འདི་ལུ་ཆ་གནས་མ་འབད་བར་གཤིག་སྟེ་བྱུང་བའི་ ཉེ་རིང་དང་ཕྱོགས་རིས། དེ་བཟུམ་མའི་ཉེ་རིང་དང་ཕྱོགས་རིས་ལུ་རྒྱུད་སྐུལ་འབད་བའི་རིགས་ག་ར་ལས་སྲུང་སྐྱོབ་འབད་དགོ་པའི་ཐོབ་དབང་ཡོད།
རྩ་ཚན་༨པ།

རྩ་ཁྲིམས་ཆེན་མོ་དང་ ཡངན་ ཁྲིམས་གཞུང་གང་རུང་གིས་གནང་ཡོད་པའི་གཞི་རྟེན་ཐོབ་དབང་ལུ་གནོད་པའི་བྱ་སྤྱོད་རེ་བྱུང་ཚེ་ རྒྱལ་ཡོངས་ཀྱི་ལྕོགས་གྲུབ་ཅན་གྱི་ཁྲིམས་ཞིབ་ཚོགས་པའི་ཁ་ཐུག་ལས་ནུས་པ་དང་ལྡན་པའི་སེལ་ཐབས་འབད་དགོཔ་འདི་ག་ར་གི་ཐོབ་དབང་ཨིན།
རྩ་ཚན་༩པ།

ཁྲིམས་དང་མ་མཐུན་པར་འཛིན་བཟུང་འབད་ནི་དང་། དོ་དམ་འོག་ལུ་བཙུགས་ནི། ཡངན་ མཐར་བཤུད་གཏང་ནི་སོགས་ག་ལུ་ཡང་འབད་མི་ཆོག
རྩ་ཚན་༡༠པ།

མི་ངོམ་གང་རུང་གི་ཐོབ་དབང་དང་འགན་འཁྲི། དེ་ལས་ དེ་ལུ་བཀལ་ཡོད་པའི་ཁྲིམས་འགལ་གྱི་ཉེས་འཛུགས་ཚུ་ དྲང་བདེན་ཐག་བཅད་འབད་ནིའི་དོན་ལུ་ རང་དབང་ཅན་དང་ཡངན་ ཉེ་རིང་ལས་འདས་པའི་ ཁྲིམས་ཞིབ་ཚོགས་པ་གཅིག་གིས་འབད་དགོ་པའི་ཐོབ་དབང་མི་ངོམ་ག་ར་ལུ་ཡོད།
རྩ་ཚན་༡༡པ།

༡. མི་མང་ཁྲིམས་དཔྱད་ཀྱི་ནང་ལུ་ མི་ངོམ་ག་ར་ཨིན་རུང་ རང་སོའི་བདེན་ཁུངས་བཟང་ནིའི་གོ་སྐབས་སྤྲོད་དེ་ཡོད་མི་དང་འཁྲིལ་ཏེ་ ཉེས་པ་ཡོདཔ་འབད་མ་ཐོན་རིང་ ཉེས་འགེལ་ཁྲིམས་བཤེར་འབད་དེ་ཡོད་རུང་ དེ་ལུ་ཉེས་པ་མེདཔ་འབད་ བརྩི་ཆོག་པའི་ཐོབ་དབང་ཡོད།

༢. གལ་སྲིད་ཉེས་འགེལ་ཅིག་འབད་བའི་དུས་སྐབས་ལུ་ ཉེས་པ་འདི་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ཉེས་འགེལ་ཁྲིམས་ཀྱི་གྲངས་སུ་ཐོ་བཀོད་འབད་དེ་མེད་པ་ཅིན་ དེ་བཟུམ་འབད་མི་ག་ར་ཨིན་རུང་ ཉེས་འགེལ་ཁྲིམས་ཕོག་པའི་ཉེས་ཅན་གྱི་གྲངས་སུ་བརྩི་ནི་མི་འོངམ་མ་ཚད། ཉེས་པ་འདི་འབྱུང་བའི་དུས་སྐབས་ཀྱི་ཉེས་ཆད་ལས་མཐོ་བའི་ཉེས་བྱ་བཀལ་མི་ཆོག
རྩ་ཚན་༡༢པ།

མི་ངོམ་ག་ལུ་ར་ཨིན་རུང་ མི་ངོམ་འདི་གི་རང་དབང་དང་། བཟའ་ཚང་། ཁྱིམ་ཡངན་དེ་དང་འདྲ་བའི་གཞི་རྟེན་མཁོ་ཆས་ཚུ་ལུ་བང་བཙོང་གི་ཐོག་ལས་ཁྲིམས་འགལ་གྱི་བར་འཛུལ་འབད་མི་ཆོགཔ་མ་ཚད།མི་ངོམ་འདི་གི་མིང་དང་མིང་གཏམ་ལུ་ཡང་གནོད་པ་བཀལ་མི་ཆོག མི་ངོམ་ག་ར་ཨིན་རུང་ དེ་བཟུམ་མིའི་གནོད་པ་བཀལ་མི་ལས་ཉེན་སྲུང་གི་དོན་ལུ་ཁྲིམས་ཀྱི་ཐོབ་དབང་ཡོད།
རྩ་ཚན་༡༣པ།

༡. མི་ངོམ་ག་ར་ལུ་ རྒྱལ་ཁབ་རེ་རེ་བཞིན་གྱི་ས་མཚམས་ནང་འཁོད་ལུ་ ག་སྟེ་འགྱོ་རུང་འགྱོ་ཆོགཔ་དང་། ག་སྟེ་གཞི་བཅའ་རུང་བཅའ་ཆོག་པའི་ཐོབ་དབང་ཡོད།

༢. མི་ངོམ་ག་ར་ཨིན་རུང་ རང་སོའི་རྒྱལ་ཁབ་བརྩིས་ཏེ་ རྒྱལ་ཁབ་གཞན་ག་ར་ཨིན་རུང་བཞག་སྟེ་འགྱོ་ཆོག་ནི་དང་། སླར་ལོག་རང་སོའི་རྒྱལ་ཁབ་ནང་ལུ་འོང་ཆོག་པའི་ཐོབ་དབང་ཡོད།
རྩ་ཚན་༡༤པ།

༡. མི་ངོམ་ག་ར་ལུ་ སྡུག་སྦྱོང་ལས་ཟུར་ཐབས་ལུ་ རྒྱལ་ཁབ་གཞན་ཁར་སྐྱབས་སྦྱིན་ལེན་ཏེ་སྡོད་ཆོག་པའི་ཐོབ་དབང་ཡོད།

༢. སྲིད་དོན་དང་འབྲེལ་བའི་ཉེས་ལཱ་ ཡངན་ འཛམ་གླིང་སྤྱི་ཚོགས་ཀྱི་དགོས་དོན་དང་གཞི་རྩ་ལས་འགལ་བའི་ལཱ་ལུ་བརྟེན་ཏེ་འབྱུང་ཡོདཔ་ངེས་བདེན་ཨིན་པའི་ ཁྲིམས་དཔྱད་འབད་ནིའི་ཐོབ་དབང་བཀག་ནི་མི་འོང་།
རྩ་ཚན་༡༥པ།

༡. ག་ར་ལུ་མི་ཁུངས་ཀྱི་ཐོབ་དབང་ཡོད།

༢. ག་ལུ་ཡང་ངེས་པ་མེད་པར་རང་སོའི་མི་ཁུངས་ཐོབ་དབང་མེདཔ་བཟོ་མ་ཆོགཔ་མ་ཚད་མི་ཁུངས་སོར་ནིའི་ཐོབ་དབང་མེདཔ་བཟོ་མི་ཆོག
རྩ་ཚན་༡༦པ།

༡. ལོ་ན་ཚོད་རན་པའི་ཕོ་མོ་ག་ར་ཨིན་རུང་ མི་རིགས་དང་མི་ཁུངས་ ཡངན་ ཆོས་ལུགས་ག་ཅི་ར་ཨིན་རུང་ དེ་ཚུ་ལུ་གཉེན་རྐྱབ་ནི་དང་བཟའ་ཚང་སྐྱོང་ནིའི་ཐོབ་དབང་ཡོད། གཉེན་སྦྱོར་ཀྱི་སྐབས་ལུ་གཉེན་འབྲེལ་གྱི་ཐོབ་དབང་དང་ ཁ་བྲལ་དང་འབྲེལ་བའི་ཐོབ་དབང་ཚུ་འདྲ་མཉམ་སྦེ་ར་ཐོབ་དགོ།

༢. གཉེན་བསྡོམས་ནི་གི་ཐད་ གཉེན་བསྡོམས་ནི་ཨིན་པའི་བཟའ་གྲོགས་ཀྱི་དལ་དབང་དང་ཁས་བླངས་ཀྱི་ཐོག་ལས་རྐྱངམ་ཅིག་བསྡོམས་དགོ།

༣. བཟའ་ཚང་ཟེར་མི་འདི་ མི་སྡེ་ནང་གི་སྡེ་ཚན་གི་རང་བཞིན་དང་ མང་གཞི་བཟུམ་གཅིག་ཨིནམ་ལས་ དེ་ཚུ་ལུ་མི་སྡེ་དང་རྒྱལ་ཁབ་གཉིས་ཆ་རང་གིས་ར་ཉེན་སྲུང་འབད་དགོ་པའི་ཐོབ་དབང་ཡོད།
རྩ་ཚན་༡༧པ།

༡. མི་ངོམ་ག་ར་ལུ་ རང་རྐྱང་ ཡངན་ སྡེ་ཚན་ནང་ལུ་ རྒྱུ་དངོས་བདག་དབང་འབད་ནིའི་རང་དབང་ཡོད།

༢. ག་ར་གིས་ཡང་ རང་སོའི་རྒྱུ་དངོས་ཐོབ་དབང་ལས་ཤེས་ཅི་མཐོང་ཅི་བཀག་མི་ཆོག
རྩ་ཚན་༡༨པ།

ག་ར་ལུ་མནོ་བསམ་གཏང་ནི་དང་རྣམ་རིག་སྟོན་ནི། དེ་ལས་ཆོས་ལུགས་གདམ་ཁའི་ནང་རང་སོའི་ཐོབ་དབང་ཡོད། ཐོབ་དབང་དེ་གི་གྲངས་སུ་ ཆོས་ལུགས་ཡངན་ཡིད་ཆེས་སོར་ནི། རང་རྐྱང་ཡངན་མི་སྡེ་དང་། མི་མང་ཡངན་རང་རྐྱང་འབད་དེ་ སློབ་སྦྱོང་དང་སྦྱང་བ་འབད་ཆོག
རྩ་ཚན་༡༩པ།

ག་ར་ལུ་རང་སོའི་བསམ་འཆར་སླབ་ནི་དང་མནོ་ཡོད་མི་ བཤད་ནིའི་དལ་དབང་ཡོད། དལ་དབང་དེའི་གྲངས་སུ་ གཞན་གྱི་བར་འཛུལ་མེད་པར་ རང་གི་བསམ་འཆར་མ་སླབ་པར་བཞག་ཆོགཔ་དང་། ས་མཚམས་དེ་ཟེརཝ་མེད་པར་ བརྡ་བརྒྱུད་ཀྱི་ཐོག་ལས་ བརྡ་དོན་འཚོལ་ནི་དང་ལེན་ནི། དེ་ལས་སྤེལ་ནི་ཚུ་འབད་ཆོག་པའི་ དལ་དབང་ཚུ་ཚུདཔ་ཨིན།
རྩ་ཚན་༢༠པ།

༡. ག་ར་ལུ་ཞི་བདེ་དང་ལྡན་པའི་ཚོགས་འཛོམས་འཚོགས་ནི་དང་ ཚོགས་པ་བཟོ་ནིའི་དལ་དབང་ཡོད།

༢. ག་ལུ་ཡང་ཚོགས་པ་ཅིག་ནང་འཛུལ་དགོ་པའི་ཐབས་མེད་བྱ་བ་བཙུགས་མི་ཆོག
རྩ་ཚན་༢༡པ།

༡. མི་ག་ར་ལུ་རང་སོའི་རྒྱལ་ཁབ་ཀྱི་གཞུང་སྐྱོང་ནི་ནང་ལུ་ཐད་ཀར་དུ་ཡངན་ དལ་དབང་གི་ཐོག་ལས་གདམ་འཐུ་འབད་བའི་འཐུས་མི་ངོ་ཚབ་བརྒྱུད་དེ་ བཅའ་མར་གཏོགས་ཆོག

༢. མི་ག་ར་ལུ་ རང་སོའི་རྒྱལ་ཁབ་ནང་མི་མང་ཞབས་ཏོག་འདྲ་མཉམ་ཐོབ་དགོ་པའི་དལ་དབང་ཡོད།

༣. མི་སེར་གྱི་རེ་འདོད་འདི་གཞུང་གི་དབང་ཚད་ཀྱི་གཞི་འགྱམ་བཟུམ་ཅིག་ཨིན་དགོ། རེ་འདོད་འདི་ དུས་རིམ་དང་དངོས་སུའི་བཙག་འཐུའི་ཐོག་ལས་བཤད་དགོཔ་དང་། བཙག་འཐུའི་བྱ་རིམ་ཚུ་ཡང་ མི་མང་ཡོངས་ལུ་ཁྱབ་མི་དང་ ཚོགས་རྒྱན་བཙུགས་ནིའི་དབང་ཆ་འདྲ་མཉམ་ཡོད་མི་ཅིག་ཨིན་དགོ་པའི་ཁར་། དེ་ཚུ་ གསང་བའི་ཚོགས་རྒྱན་ཡང་ དེ་དང་འདྲ་མཉམ་གྱི་ཚོགས་རྒྱན་བསྐྱུར་ནིའི་ བྱ་སྒོའི་ཐོག་ལས་འབད་དགོ།
རྩ་ཚན་༢༢པ།

འགྲོ་བ་མི་རིགས་ག་ར་ མི་སྡེའི་འཐུས་མི་གཅིག་ཨིནམ་ལས་ མི་སྡེ་དང་འབྲེལ་བའི་ཉེན་སྲུང་གི་ཐོབ་དབང་ཡོདཔ་མ་ཚད་ རྒྱལ་ཡོངས་ཀྱི་འབད་བརྩོན་དང་རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཐོག་ལས་ དེ་ལས་གཞན་ཡང་། ལས་ཚོགས་དང་རྒྱལ་ཁབ་ཀྱི་ཐོན་ཁུངས་ཚུ་དང་ རང་སོའི་ངོ་སོ་གོང་འཕེལ་གྱི་དོན་ལུ་མེད་ཐབས་མེད་པར་ཁག་ཆེ་བའི་དཔལ་འབྱོར་དང་ལམ་སྲོལ་གྱི་དལ་དབང་ཚུ་ཐོབ་དགོ།
རྩ་ཚན་༢༣པ།

༡. ག་ར་ལུ་ ལཱ་གཡོག་འབད་ནིའི་དང་ ལཱ་གཡོག་གདམ་ཁ་རྐྱབ་ནིའི་དལ་དབང་། དེ་ལས་ ལེགས་ཆ་ཅན་གྱི་ལཱ་གཡོག་གི་གནས་སྟངས་དང་ ལཱ་གཡོག་མེད་པའི་དཀའ་ངལ་ལས་ཉེན་སྲུང་ཐོབ་དགོ་པའི་དབང་ཆ་ཡོད།

༢. ག་ར་ལུ་ ཕྱོགས་རིས་མེད་པར་ རང་སོའི་ལཱ་གཡོག་དང་འཁྲིལ་བའི་དངུལ་ཕོགས་ཐོབ་དགོ་པའི་དབང་ཆ་ཡོད།

༣. ལཱ་གཡོག་འབད་མི་ག་ར་ཨིན་རུང་དེ་ཚུ་ལུ་ཁོ་ར་དང་ཁོ་རའི་བཟའ་ཚང་ཚུ་ འགྲོ་བ་མིའི་བརྩི་མཐོང་དང་ལྡནམ་འབད་སྡོད་ཚུགས་པའི་དངུལ་ཕོགས་ཐོབ་དགོཔ་པའི་ དབང་ཆ་ཡོདཔ་མ་ཚད་ གལ་ཆེ་བ་ཅིན་ མི་སྡེའི་ཉེན་སྲུང་གཞན་མི་ཚུ་ཡང་བྱིན་དགོ།

༤. ག་ར་ལུ་ རང་སོའི་ཁེ་ཕན་ཚུ་ཉེན་སྲུང་གི་དོན་ལུ་ ཚོང་འབྲེལ་པའི་སྐྱིད་སྡུག་ཚོགས་པ་བཟོ་ནི་དང་། བཟོ་སྟེ་ཡོད་མི་ཚུ་ནང་ལུ་འཛུལ་ནིའི་དབང་ཆ་ཡོད།
རྩ་ཚན་༢༤པ།

ག་ར་ལུ་ དངུལ་ཕོགས་དང་བཅས་པའི་ འོས་ཚད་ལྡན་པའི་ལཱ་དུས་དང་། དུས་མཚམས་ཀྱི་ངལ་གསོ་ཚུ་བརྩིས་པའི་ ངལ་གསོ་དང་དལཝ་སྡོད་ནིའི་དུས་ཚོད་ཀྱི་ཐོབ་དབང་ཡོད།
རྩ་ཚན་༢༥པ།

༡. ག་ར་ལུ་ བཟའ་འཐུང་དང་གྱོན་ཆས། སྡོད་ཁྱིམ་དང་འཕྲོད་བསྟེན་བདག་འཛིན། དེ་ལས་དགོས་མཁོ་ལྡན་པའི་མི་སྡེ་དང་འབྲེལ་བའི་ཞབས་ཏོག ལཱ་གཡོག་མ་འཐོབ་པ་སྡོད་པ་དང་ན་ཚ་ཕོག་པའི་སྐབས། དེ་ལས་ཡན་ལག་ལུ་སྐྱོན་ཞུགས་པ། ཡུགས་ས་མོ་དང་ལོ་ན་ཚོད་རྒས་པའི་གནས་སྐབས་དང་། གཞན་ཡང་རང་ར་སོ་སོར་གྱིས་འབད་མ་ཚུགས་པའི་འཚོ་བའི་གནས་སྟངས་ལ་སོགས་པ་ཚུ་བརྩིས་ཏེ་ མི་ངོམ་རང་ར་སོ་སོ་དང་ རང་གི་བཟའ་ཚང་ཚུ་གི་གཟུགས་ཁམས་འཕྲོད་བསྟེན་དང་ བདེ་སྐྱིད་ལུ་མཁོ་བའི་ འོས་འཚམས་ལྡན་པའི་མི་ཚེའི་འཚོ་སྐྱོང་འཐོབ་དགོ་པའི་དལ་དབང་ཡོད།

༢. མའི་གནས་སྐབས་དང་ཨ་ལུའི་གནས་སྐབས་འདི་གཉིས་ལུ་ དམིགས་བསལ་གྱི་བདག་འཛིན་དང་གྲོགས་རམ་གྱི་ཐོབ་དབང་ཡོད། གཉེན་སྦྱོར་ལུ་བརྟེན་ཏེ་སྐྱེས་བའི་ཨ་ལུ། ཡངན་ གཉེན་སྦྱོར་ཐོག་ལས་མེན་པར་སྐྱེ་བའི་ཨ་ལུ་ག་ཅི་ར་ཨིན་རུང་ དེ་གཉིས་ཆ་ར་ལུ་ མི་སྡེའི་ཉེན་སྲུང་གི་ཐོབ་དབང་འདྲ་མཉམ་ཡོད།
རྩ་ཚན་༢༦པ།

༡. ག་ར་ལུ་ཤེས་ཡོན་སྦྱོང་ནིའི་ཐོབ་དབང་ཡོདཔ་མ་ཚད་ གཞི་རིམཤེས་ཡོན་འདི་རིན་མེད་སྟོང་པར་ཐོབ་དགོཔ་དང་ དེ་བཞིན་གཞི་རིམ་སློབ་སྦྱོང་འདི་ ག་ར་ལུ་ཨིན་ཅི་མིན་ཅི་ཐོབ་དགོ། སྤྱིར་བཏང་ལུ་ འཕྲུལ་རིག་དང་ཁྱད་རིག་གི་ཤེས་ཡོན་གོ་སྐབས་ཡོདཔ་བཟོ་དགོཔ་དང་། ཆེ་རིམ་ཤེས་ཡོན་གི་གོ་སྐབས་འདི་རང་སོའི་གཟེངས་ཐོན་དང་འཁྲིལ་ཏེ་ག་ར་ལུ་འཐོབ་ཚུགསཔ་སྦེ་དགོ།

༢. ཤེས་ཡོན་དེ་གཙོ་བོ་འགྲོ་བ་མིའི་ཁྱད་ཆོས་ཆ་ཚང་གོང་འཕེལ་གཏང་ཚུགསཔ་ཅིག་དང་། འགྲོ་བ་མིའི་ཐོབ་དབང་དང་གཞི་རྟེན་དལ་དབང་ལུ་ གུས་བཀུར་བསྐྱེད་དགོ་པའི་མནོ་ལུགས་གོང་འཕེལ་གཏང་ཚུགསཔ་ཅིག་ལུ་དམིགས་གཏད་བསྐྱེད་དགོ། ཤེས་ཡོན་དེ་གིས་ རྒྱལ་ཁབ་ག་ར་དང་མི་རིགས་ཡངན་ཆོས་ལུགས་སོ་སོའི་སྡེ། ལྷག་པར་དུ་འཛམ་གླིང་སྤྱི་ཚོགས་ཀྱི་ཞི་བདེ་ཉམས་སྲུང་གི་ལཱ་རིགས་ཚུ་ནང་ ངོས་ལེན་དང་ བཟོད་བསྲན། མཛའ་བཤེས་མཐུན་འབྲེལ་ཚུ་ རྒྱལ་ཁབ་ག་ར་དང་ མི་རིགས་ཚུ་གི་བར་ན་ཡར་དྲག་གོང་འཕེལ་གཏང་དགོ།

༣. ཕམ་ཚུ་ལུ་ རང་སོའི་ཨ་ལུ་ལུ་ཤེས་ཡོན་ག་ཅི་བཟུམ་གཅིག་བྱིན་ནི་ཨིན་ན་ སྔ་གོང་ལས་གདམ་ཁ་རྐྱབ་ནིའི་དབང་ཆ་ཡོད།
རྩ་ཚན་༢༧པ།

༡. ག་ར་ལུ་མི་སྡེ་ནང་གི་ལམ་སྲོལ་བརྩིས་སྲུང་ཚུ་ནང་ལུ་བཀག་ཆ་ག་ནི་ཡང་མེད་པར་བཅའ་མར་གཏོགས་ཏེ་ ལུགས་སྲོལ་ལུ་ སྤྲོ་བ་འཕེལ་ནི་དང་། ཚན་རིག་གོང་འཕེལ་གྱི་གྲུབ་འབྲས་ཚུ་དང་ དེའི་ཁེ་ཕན་ཚུ་སྤྱོད་ནིའི་དལ་དབང་ཡོད།

༢. ག་ར་ལུ་རང་གི་བློ་རིག་ལས་བརྟེན་ཏེ་ གྲུབ་ཡོད་པའི་ ཚན་རིག་དང་རྩོམ་རིག་ ཡངན་ ལག་རྩལ་ཐོན་དངོས་ཚུ་གི་སྙིང་དོན་དང་ རྒྱུ་ཆས་ཀྱི་དང་བ་ཚུ་གི་ཉེན་སྲུང་གི་ཐོབ་དབང་ཡོད།
རྩ་ཙན་༢༨པ།

ག་ར་ལུ་ གསལ་བསྒྲགས་འདི་ནང་བཀོད་དེ་ཡོད་པའི་ཐོབ་དབང་དང་དལ་དབང་ཚུ་ ཧྲིལ་པོར་ཐོབ་དགོ་པའི་སྐོར་ལས་ ཚུད་དེ་ཡོད་པའི་ མི་སྡེ་དང་རྒྱལ་སྤྱིའི་བཀའ་ཁྲིམས་ཚུ་གི་ཐོབ་དབང་ཡོད།
རྩ་ཚན་༢༩པ།

༡. ག་ར་ལུ་ རང་དབང་གི་ཐོག་ལས་ཕོཝ་རྒྱགས་སའི་མི་སྡེ་འདི་ནང་ འབད་དགོ་པའི་རིགས་ཚུ་གི་ འགན་ཁུར་ཕོག

༢. རང་སོའི་ཐོབ་དབང་དང་དལ་དབང་ཚུ་ལག་ལེན་འཐབ་པའི་སྐབས་ གཞན་གྱི་ཐོབ་དབང་དང་ དལ་དབང་ལུ་ངོས་འཛིན་དང་ གུས་ཞབས་བསྐྱེད་དགོ་མི་དང་། དམངས་གཙོ་གཞུང་ལུགས་ཀྱི་མི་སྡེ་ནང་གི་ བཟང་སྤྱོད་དང་ མི་མང་བཀའ་རྒྱ། དེ་ལས་ སྤྱིར་བཏང་ཕན་བདེ་གྲུབ་དགོ་པའི་དགོས་མཁོ་ཚུ་གི་དོན་ལུ་རྐྱངམ་གཅིག་ཨིན་དགོཔ་འབད་ ཁྲིམས་ནང་བཀོད་ཡོད་མིའི་ཚད་གཞི་གི་ནང་འཁོད་ལུ་ ལག་ལེན་འཐབ་དགོ།

༣. ཐོབ་དབང་དང་དལ་དབང་དེ་ཚུ་ག་ར་ ག་ཅི་གི་ཐད་ལས་ར་ཨིན་རུང་ འཛམ་གླིང་སྤྱི་ཚོགས་ཀྱི་དགོས་དོན་དང་གཞི་རྩ་ལས་བརྒལ་བའི་ཐོག་ལས་ལག་ལེན་འཐབ་མི་ཆོག
རྩ་ཚན༣༠པ།

གསལ་བསྒྲགས་འདི་ནང་བཀོད་ཡོད་མི་གི་དོན་ཚན་ཚུ་ གསལ་བསྒྲགས་འདི་ནང་བཀོད་ཡོད་པའི་ ཐོབ་དབང་དང་དལ་དབང་གང་རུང་མེདཔ་གཏང་ནིའི་ལཱ་རིགས་ནང་འབྲེལ་གཏོགས་ ཡངན་ དངོས་སུ་འབད་ནིའི་དོན་ལུ་ རྒྱལ་ཁབ་དང་ སྡེ་ཚན་ ཡངན་ མི་ངོམ་གང་རུང་ལུ་འཇུགཔ་འབད་གོ་དོན་འགྲེལ་མི་ཆོག